བློ་གསར་གཞོན་ནུ། ནང་ཆོས་གཙོས་ཆོས་དང་འབྲེལ་བའི་རྒྱུན་ཤེས་སྐོར་བཀའ་འདྲི་དང་དྲིས་ལན།
Young Minds: Religion, faith and Tibetan youth.
ད་རེས་བདུན་ཕྲག་འདིའི་ནང་༸གོང་ས་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་ཚོར་དམིགས་ཏེ་ནང་ཆོས་ངོ་སྤྲོད་མཛད་པ་དང་སྦྲགས། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་ཡོན་ཏན་གཞིར་འགྱུར་མ། ༸རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྩལ་ཡོད།
དེ་རིང་ང་ཚོའི་བློ་གསར་གཞོན་ནུའི་ལས་རིམ་ནང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་ཐེངས་འདིའི་བཀའ་ཆོས་ཐོག་བཅར་བའི་བོད་པའི་གཞོན་སྐྱེས་ཁག་ཅིག་དབར་ནང་ཆོས་གཙོས་ཆོས་དང་འབྲེལ་བའི་རྒྱུན་ཤེས་སྐོར་བཀའ་འདྲི་དགོངས་སྐོར་དང་བཀའ་ལན་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།
Young Minds: Religion, faith and Tibetan youth
Why do we consider the merit accumulated in the month of Saka Dawa multiplied in thousands?
How do one get empowered after attending a long life empowerment ceremony?
How relevant are ‘tsog’ and divination in Tibetan Buddhism?
Why are most Tibetan reincarnate lamas male only?
These are some questions that arise during this week's Young Minds town hall discussion with Dalai Lama's former interpreter and LTWA’s Director Geshe Lhakdor.
![](https://i.ytimg.com/vi/DAZ9yzRVA_0/maxresdefault.jpg)