གཡང་དཀར་ལུག
གཞས་ཚིག བློ་བཟང་རིན་ཆེན།
གཞས་གདངས། རྫོགས་ཆེན་བསྟན་བཛིན།
གཞས་མ། ནམ་མཁའ་མཚོ།
སྤྲིན་ལ་ཆུ་རིས་འཁྲིགས་སེ།
སྤང་རི་སྨུག་པས་གཏུམ་སོང་ལོ།
གཡང་དཀར་སྤྲིན་དང་འདྲེས་མ།
བལ་ཁ་ཆར་གྱིས་དཀྲུས་སོང་།
གཤིས་རྒྱུད་དར་ལས་འཇམ་པ།
སེམས་པ་གངས་ལས་དཀར་བ།
གཡང་དཀར་གཡང་གི་གཡང་རྟེན།
གོང་མ་ལྷ་ཡི་སྐུ་སྐལ་རེད།
གཡང་དཀར་སྤང་ལ་མཛེས་སོང་།
སྤང་ལ་མུ་ཏིག་བཀྲམ་འདྲ།
ཕྱིང་དཀར་གྲུ་བཞིའི་གདན་ལ།
གཡུང་དྲུང་རི་མོ་འཁྲུངས་སོང་།
གཤིས་རྒྱུད་དར་ལས་འཇམ་པ།
སེམས་པ་གངས་ལས་དཀར་བ།
གཡང་དཀར་གཡང་གི་གཡང་རྟེན།
གོང་མ་ལྷ་ཡི་སྐུ་སྐལ་རེད།
བལ་གྱི་ཁ་ཁྱུ་ཉིལ་ལེ་ཡོ།
བལ་ཁ་ཚོས་ལ་བསྒྱུར་སོང་།
ཚོས་ཁ་འདྲ་མིན་སྣ་ཚོགས་ཡོ།
གོས་སྣ་རེ་རེ་འཚེམ་སོང་།
གཤིས་རྒྱུད་དར་ལས་འཇམ་པ།
སེམས་པ་གངས་ལས་དཀར་བ།
གཡང་དཀར་གཡང་གི་གཡང་རྟེན།
གོང་མ་ལྷ་ཡི་སྐུ་སྐལ་རེད།
#newtibetansong2021 #བོོདགཞས
![](https://i.ytimg.com/vi/NKF33z6-UbE/mqdefault.jpg)