བློ་དཀར་སེམས་ཀྱི་མེ་ཏོག
ཆུང་འདྲིས་ཕྱོགས་ལ་བཞད་ནས།
ཆུར་འདྲིས་གར་འགྲོའི་ས་ལ།
སེམས་པའི་གོམ་ཆུང་ཤོར་སོང་།
སེམས་ལ་བསམས་པའི་མི་དེ།
དཀར་གསལ་ཟླ་བ་འདྲ་ལ།
ནམ་མཁའི་དབྱིངས་སུ་བཞུགས་ཀྱང་།
ལས་འཕྲོས་ལམ་ཆུང་གསལ་ལ་བྱུང་།
བརྩེ་གདུང་གི་ལམ་ཐག་རིང་ཡང་།
མི་ཚེའི་ཚད་ལ་འཛིན་པས།
ལོ་དང་ཟླ་བ་གཉིས་ལ།
རིང་པོའི་སྣང་བ་མ་བྱུང་།
མུན་པའི་ལས་ལ་བཅོས་པའི།
སྤྲིན་གྱི་ཡོལ་བ་འཐེན་ཡང་།
ལས་འཕྲོའི་ལམ་ཆུང་སྟེང་ལ།
ཟླ་འོད་བསྒྲིབས་རྒྱུ་མི་འདུག
བརྩེ་གདུང་གི་ལམ་ཐག་རིང་ཡང་།
མི་ཚེའི་ཚད་ལ་འཛིན་པས།
ལོ་དང་ཟླ་བ་གཉིས་ལ།
རིང་པོའི་སྣང་བ་མ་བྱུང་།
མུན་པའི་ལས་ལ་བཅོས་པའི།
སྤྲིན་གྱི་ཡོལ་བ་འཐེན་ཡང་།
ལས་འཕྲོའི་ལམ་ཆུང་སྟེང་ལ།
ཟླ་འོད་བསྒྲིབས་རྒྱུ་མི་འདུག
ཟླ་འོད་བསྒྲིབས་རྒྱུ་མི་འདུག
![](https://i.ytimg.com/vi/e6PKIyH2t5o/mqdefault.jpg)