བཙན་གནོན་འོག་གི་བོད་ཅེས་པའི་ཟུངས་གཞས་འདི་ནི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་སྤྱི་དང་། ཡང་སྒོས་བོད་ཁ་བ་གངས་ཅན་ལྗོངས་སུ་གནས་པའི་གཞིས་ལུས་མི་མང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་མཆོད་སེམས་ལ་ཡིད་རངས་ཞུ་བ་དང་། བྱེས་སུ་བཞུགས་པའི་བོད་མི་རྣམས་ཀྱིས་རང་ཡུལ་ལ་བཅངས་པའི་སེམས་པ་དཀར་ཞིང་། མི་འགྱུར་བརྟན་པོ་གནས་ཡོད་པ་དང་། བོད་ནང་དུ་རྒྱ་ནག་དམར་པོའི་བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་ལྷག་བསམ་ལྡན་པའི་དཔའ་བོ་དཔའ་མོ་རྣམས་ལ་སྙིང་ནས་གུས་བརྩི་ཞུས་ཤིང་། གཞིས་བྱེས་ལྷན་འཛོམས་ཀྱི་ཉིན་མོ་རེ་སྒུག་བྱེད་པའི་རྐྱང་གཞས་ཤིག་ཡིན། " Tibet under oppression" is a song dedicated to all the Tibetans who gave up their lives for the cause of freedom and those who are still living under the oppression of the Chinese communists resisting tyranny every day, we wish Tibetan inside and outside Tibet to be united soon and His holiness Dalai lama to be reinstated to his rightful place
![](https://i.ytimg.com/vi/l59VOpYOT0Q/maxresdefault.jpg)