ང་རང་ལ་དགའ་ན་ཨེ་ཆོག་ལ།
གཞས་ཚིག ཚེར་མ།
གཞས་དབྱངས། དམངས་ཁྲོད།
གཞས་པ། དཀར་མཛེས་བློ་བཟང་།
རྒྱུ་འབྱོར་བ་ཟེར་ན་སྤྲང་པོ་ཡིན།།
གཟུགས་ལང་ཚོ་ཟེར་ན་འདི་འདྲ་རེད།།
སེམས་བསམ་པ་ཁོག་ནང་དཀར་ས་ནས།།
ང་རང་ལ་དགའ་ན་ཨེ་ཆོག་ལགས།།
གྲོགས་ན་ཟླ་ཟེར་ན་ཁེར་རྐྱང་ཡིན།།
ལས་མདུན་ལམ་ཟེར་ན་འཁྱམས་པོ་ཡིན།།
སེམས་བསམ་པ་ཁོག་ནང་དཀར་ས་ནས།།
ང་རང་ལ་དགའ་ན་ཨེ་ཆོག་ལགས།།
ལས་སྐྱིད་སྡུག་ཅི་བྱུང་མཉམ་ཁུར་བྱེད།།
ཟས་ཅི་ཞིག་བྱུང་ཡང་མཉམ་ཟ་བྱེད།།
སེམས་བསམ་པ་ཁོག་ནང་དཀར་ས་ནས།།
ང་རང་ལ་དགའ་ན་ཨེ་ཆོག་ལགས།།
ཚིག་མ་འགྱུར་ཟེར་ན་དམ་བཅའ་ཡོད།།
ནང་བདེ་སྐྱིད་ཟེར་ན་འདི་འདྲ་ཡིན།།
སེམས་བསམ་པ་ཁོག་ནང་དཀར་ས་ནས།།
ང་རང་ལ་དགའ་ན་ཨེ་ཆོག་ལགས།
![](https://i.ytimg.com/vi/mH8jpYUj8vE/maxresdefault.jpg)